Перейти к содержимому

ཕུག་ཐར་དགའ་ལྡན་བཟང་པོ་གླིང་། Phuktal Gompa#zanskar

Lobsang Thupten Vlog

0:00 / 0:00

ཕུག་ཐར་དགའ་ལྡན་བཟང་པོ་གླིང་། Phuktal Gompa#zanskar

1 648 просмотров · 1 день назад
Lobsang Thupten Vlog
11,1 тыс. подписчиков
1 648 просмотров · 1 день назад
རྗེ་ཙོང་ཁ་པའི་དངོས་སློབ་སྟོད་བྱང་སེམས་ཤེས་རབ་བཟང་པོ་མཆོག་ནི། ཕྱི་ལོ་ ༡༣༨༠ ལོར་ལ་དྭགས་འཁྲིག་རྩེ་རུ་སྐུ་འཁྲུངས། ཕྱི་ལོ་ ༡༤༡༥ ལོར་བོད་ཡུལ་དུ་ཕེབས་ནས་ཆབ་མདོ་བྱམས་པ་གླིང་ཕྱག་བཏབ། དེ་ནས་སླར་ཡང་ལ་དྭགས་དང་། སྤྱི་ཏི། ལྡུམ་ར། ཟངས་དཀར་ སོགས་མངའ་རིས་མང་ཡུལ་གྱི་ཕྱོགས་ཀུན་ཏུ་ཆོས་སྡེ་མང་པོ་གསར་འདེབས་མཛད་དེ། དགེ་ལྡན་རིང་ལུགས་དྲི་མ་མེད་པ་རྒྱས་པར་སྤེལ་བ་དང་། གཞི་གསུམ་གྱི་ཕྱག་ལེན་སྲོལ་བཙུགས། མཐར་མེ་གླང་ལོའི་ཟླ་བ་ལྔ་པའི་ཚེས་ ༢༨ ཉིན་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་མཛད་ཅིང་། ཁོང་གི་བྱིན་ཅན་གྱི་སྐུ་གདུང་རིན་པོ་ཆེ་ནི་དགོན་པ་འདི་ཉིད་དུ་བཞུགས་སོ།། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ནི། ཕྱི་ལོ་ ༡༠༥༧ ལོར་སྐུ་བལྟམས་ཤིང་། ཕྱི་ལོ་ ༡༠༧༥ ནས་ ༡༡༠༠ བར་གྱི་རིང་ལ་ དགོན་སྡེ་མང་པོ་ཕྱག་བཏབ་པར་མཛད་དོ་ཞེས་བཻཌཱུརྱ་སེར་པོར་གསལ་ལོ།།