Перейти к содержимому

ཐག་རིང་ནས་སྐྱོད་པའི་ཉེ་མོ | Padma Shri Morup Namgyal

Ladakhi Lyrics

0:00 / 0:00

ཐག་རིང་ནས་སྐྱོད་པའི་ཉེ་མོ | Padma Shri Morup Namgyal

19 040 просмотров · 6 л. назад
Ladakhi Lyrics
4,27 тыс. подписчиков
19 040 просмотров · 6 л. назад
This channel content is solely aimed to promote Bhoti language among the young generation of ladakh through entertainment. Please let me know your opinion in the comments on "will this step will be purposeful or not? " ཐག་རིང་ནས་སྐྱོད་པའི་ཉེ་མོ། སྡེབ་སྦྱོར་ལ་མཁས་པའི་སྙན་ངག་མཁན།། གླུ་ཆུང་ཞིག་སྒྲིག་དང་ཁོང་སྐྱོད་འདུག ། མྱ་ངན་ནང་གདུང་བའི་མཛའ་བོ་ལེ།། སྡུག་བསྔལ་ཀུན་སེལ་དང་ཁོང་སྐྱོད་འདུག ། ཀླུང་དཀྱིལ་ལ་འཕྱོ་བའི་ཆུ་རྫིང་ཀུན། ཆུ་ཆར་ཞིག་འཕོབ་དང་ཁོང་སྐྱོད་འདུག ། བརྩེ་གདུང་གིས་སྐོམ་པའི་ཉེ་མོ་ལ།། སྐེམས་ཆུ་ཞིག་ཕུལ་དང་ཁོང་སྐྱོད་འདུག ། བརྩེ་གདུང་གིས་རྒུད་པའི་ཉེ་མོ་ལ།། སྐེམས་ཆུ་ཞིག་ཕུལ་དང་ཁོང་སྐྱོད་འདུག ། སྐྱེད་ཚལ་གྱི་མེ་ཏོག་ལྗོན་ཤིང་ཀུན།། དྲི་ཞིམ་ཞིག་སྤེལ་དང་ཁོང་སྐྱོད་འདུག།། རེ་འདུན་གྱིས་མཆོད་པའི་ལྷ་མོ་ལ།། མཆོད་རྫས་ཤིག་སྒྲིག་དང་ཁོང་སྐྱོད་འདུག ། ལྡུམ་ར་ཡི་འདབ་ཆགས་བྱེའུ་ཆུང་ཀུན།། གླུ་དབྱངས་ཤིག་ལེན་དང་ཁོང་སྐྱོད་འདུག ། ཐག་རིང་ནས་སྐྱོད་པའི་སྐུ་མགྲོན་ལ། ། ཐུགས་གཡེང་ཞིག་ཕུལ་དང་ཁོང་སྐྱོད་འདུག ། དྲི་ཞིམ་ལ་སྤྱོད་པའི་སྦྲང་བུ་ཀུན། ། སྦྲང་རྩི་ཞིག་གསོགས་དང་ཁོང་སྐྱོད་འདུག ། བརྩེ་དགུང་གིས་རྒུད་པའི་ཉེ་མོ་ལ། ། བསྟོད་རྫས་ཞིག་ཕུལ་དང་ཁོང་སྐྱོད་འདུག ། ནགས་ཚལ་གྱི་ཁྲི་ཤིང་ལོ་མ་ཀུན། ། མགོ་བོ་སྒུར་དང་ཁོང་སྐྱོད་འདུག ། ཡུན་རིང་ནས་བྲལ་བའི་ཉེ་མོ་ལ། ། ཕེབས་བསུ་ཞིག་ཞུས་དང་ཁོང་སྐྱོད་འདུག ། #ladakhisong #morupnamgyal For educational purposes