࿐བྱམས་མགོན་རྡོ་རྗེ་འཆང་མཆོག་ནས་ཁྲ་འགུ་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ལ་རབ་གནས་བཀའ་དྲིན་བསྩལ་བ།
Thrangu Media
0:00 / 0:00
࿐བྱམས་མགོན་རྡོ་རྗེ་འཆང་མཆོག་ནས་ཁྲ་འགུ་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ལ་རབ་གནས་བཀའ་དྲིན་བསྩལ་བ།
5 797 просмотров · 2 месяца назад
Thrangu Media
10,5 тыс. подписчиков
5 797 просмотров · 2 месяца назад
࿐བྱམས་མགོན་རྡོ་རྗེ་འཆང་མཆོག་ནས་སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ལ་རབ་གནས་བཀའ་དྲིན་བསྩལ་བ།
སྤྱི་ལོ་༢༠༢༦ ཟླ་༦ ཚེས་༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་སྟེང་། སྐུའི་གཟིམས་སྤྱིལ་བཀྲ་ཤིས་ཡང་སྟེང་དགའ་འཁྱིལ་གླིང་ནས་སྤོས་རྒྱ་ཕེབས་བསུ་སྤྱན་འདྲེན་གྱིས་རིགས་ཀུན་ཁྱབ་བདག་འཁོར་ལོའི་མགོན་པོ་༧བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་༧ཞི་བར་གཤེགས་པ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་སྐུ་གདུང་ལྷ་ཁང་ཆེན་མོར་གདན་དྲངས་ནས་སེར་སྒྲོན་དབུ་འབྱེད་དང་ལྷ་དར་སྐུ་རྟེན་དུ་བསྟར་ཞིང་། ཐུགས་སྨོན་གནས་གཟིགས་ཞིབ་རྒྱས་ཀྱི་མཚམས་སྦྱོར་སྔོན་དུ་བཏང་ནས་༧བྱམས་མགོན་རྡོ་རྗེ་འཆང་མཆོག་གི་གསེར་ཞལ་ལྷམ་མེར་སེང་ཁྲིར་དབུ་བཞུགས་ཐོག་རྟ་རྣ་ལྷ་རྩེ་རིན་པོ་ཆེ། ༧ཆོས་རྗེ་བླ་མ་རིན་པོ་ཆེ། ༧མཆོག་སྤྲུལ་དམ་ཆོས་རིན་པོ་ཆེ་དབུས་པའི་བྱམས་ཆེན་སྟོན་འཁོར་ཕུན་ཚོགས་ལྷན་རྒྱས་དང་། དགོན་གྱི་མཁན་བླ་ཞལ་འཛོམས་ཀྱིས་ཐུགས་དད་མི་ཕྱེད་ཀློང་གི་དཀྱིལ་ནས་༧སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་རྟེན་གྱི་གཙོ་མཆོག་དང་། ངོ་མཚར་འཕྲུལ་སྣང་གི་ལྷ་ཁང་གསར་བཞེངས་ལེགས་པར་གྲུབ་དེར་ཁྲུས་ཆོག་ཟླ་བའི་བདུད་རྩིའི་ཆོ་ག་ལ་བརྟེན་ཏེ་ཁྲུས་གསོལ་བྱིན་རླབས་རབ་གནས་རྒྱས་པ་གནད་སྨིན་དུ་བསྩལ་ཞིང་ཐུགས་རྗེ་ཆེ་དགོས་སུ་མཛད་པའོ།
Video by: Dorje Sonam
Edited by: Dorje Sonam
website: https://www.rinpoche.com
Facebook: / thrangumedia
Soundcloud: / thrangumedia
#thrangumedia #thrangurinpoche #buddhism #taisiturinpoche #palpung #namobuddha