བྱ་ཚིག་གི་གོ་དོན། | བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག།
Sontop Knowledge
0:00 / 0:00
བྱ་ཚིག་གི་གོ་དོན། | བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག།
2 451 просмотр · 6 лет назад
Sontop Knowledge
1,46 тыс. подписчиков
2 451 просмотр · 6 лет назад
བྱ་ཚིག
མིང་ཚིག་ནི། དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་།
བྱ་ཚིག་ནི། གཡོ་འགུལ་གྱི་རྣམ་པ་མཚོན་པའི་དུས་གསུམ་གྱི་བདག་ཉིད་ཅན་ཞིག་ལ་ཟེར།
འགུལ་སྐྱོད་བཏང་ནས་རྣམ་འགྱུར་ཐོན་པའི་བྱ་བ་ལ་ཟེར།
དཔེར་ན། ཆུ་བཏུང་བ། ཡི་གེ་ཀློག་པ། རི་མོ་བྲིས་པ། ལྟ་བུ།
བྱ་ཚིག་ལ་དབྱེ་ན།
རྩོལ་བཅས་བྱ་བ།
རྩོལ་མེད་བྱ་བ།
རྩོལ་བཅས་བྱ་བ་ལ་དབྱེ་ན།
བྱེད་འབྲེལ་ལས་ཚིག
བྱེད་མེད་ལས་ཚིག
བྱེད་འབྲེལ་ལས་ཚིག་ནི།
བྱེད་པ་པོ་ཞིག་གིས་བྱ་བའི་ཡུལ་ལ་དངོས་སུ་བཞུགས་སྟེ་བྱ་བ་བསྒྲུབ་པར་བྱེད་པ་ལ་ཟེར།
དཔེར་ན།
བདེ་ཆེན་གྱིས་ཡི་གེ་བྲིས།
བྱེད་པ་པོ།- བདེ་ཆེན།
བྱ་བའི་ཡུལ།- ཡི་གེ།
བྱ་བ།- བྲིས།
བཀྲ་ཤིས་ཀྱིས་ཤིང་གཅོད།
བྱེད་པ་པོ།- བཀྲ་ཤིས།
བྱ་ཡུལ།- ཤིང་།
བྱ་བ།- གཅོད།
བྱེད་མེད་ལས་ཚིག་ནི།
བྱེད་པ་པོ་དངོས་སུ་ཡོད་ཀྱང་བྱ་ལས་དང་ངོ་བོ་ཐ་མི་དད་པའི་བྱེད་མེད་ལས་ཚིག་ཟེར།
དཔེར་ན།
བཀྲིས་ཀྱིས་འགྲོ།
བྱེད་པོ།- བཀྲ་ཤིས།
བྱ་བའི་ཡུལ།- བཀྲ་ཤིས་ཀྱི་ལུས་པོ་ཧྲིལ་པོ།
བྱ་བ། འགྲོ།
སྟོབས་རྒྱལ་གྱིས་ཉལ།
སྒྲོལ་མས་མཆོངས། ལྟ་བུ།