Перейти к содержимому

རྒྱུད་སྡེ་སྤྱི་རྣམ། 33 འཆད་ཁྲིད་མཁན་ཡུལ་ཤུལ་བ་ཀར་ཚེ།

Modern Monk

0:00 / 0:00

རྒྱུད་སྡེ་སྤྱི་རྣམ། 33 འཆད་ཁྲིད་མཁན་ཡུལ་ཤུལ་བ་ཀར་ཚེ།

23 просмотра · 1 год назад
Modern Monk
1,52 тыс. подписчиков
23 просмотра · 1 год назад
གསལ་འདེབས། རྒྱུད་ཀྱི་འཆད་ཉན་སྐབས་འཆད་པ་པོ་དང་ཉན་པ་པོ་གཉིས་ཀ་ལ་ཆ་རྐྱེན་ཧ་ཅང་མཐོན་པོ་དགོས་པ་གཞིར་བཞག་ལ། ཁྱད་པར་དུ་འདིར་བཀོད་པའི་རྒྱུད་སྡེ་སྤྱི་རྣམ་གྱི་གཞུང་འདི་ནི་རྒྱུད་སྡེ་བཞི་ཀའི་སྤྱི་དོན་ཡིན་གཤིས་གཞུང་གི་བརྗོད་བྱ་ཧ་ཅང་རྒྱ་ཆེ་ཞིང་རྗོད་བྱེད་ཚིག་བསྡུས་དྲག་པས་འཆད་པ་པོས་ཚུལ་བཞིན་མ་ཤོད་པ་དང་ལོག་པར་བཤད་པ་མང་དུ་ཡོད་པ་སྨོས་མ་དགོས། ཡིན་ནའང་རང་ཉིད་ཀྱིས་རྒྱུད་སྡེ་ལ་གོམས་འདྲིས་ཀྱི་བག་ཆགས་འཇོག་པ་དང་། གསར་སློབ་འགའ་ཞིག་ལ་ཕན་པའི་བློས་གང་ཤེས་ཙམ་ཞིག་འཆད་པའི་ཁུལ་བྱས་པ་དག་སྒྲ་ཕབ་པ་ལགས། རྒྱུད་ཀྱི་བཤད་པ་དྲྭ་ཐོག་ཏུ་འཇོག་པ་ལའང་ཁོ་བོས་སྔ་ཕྱིར་བསམ་གཞིག་མང་དུ་བྱས་པ་མ་ཟད་མཆེད་གྲོགས་དུ་མ་ལ་དགོངས་ཚུལ་འདྲི་རྟོག་ཞུས་པ་ལས། དེང་དུས་གསར་རྒྱུད་ཀྱི་བཤད་ཉན་ཧ་ཅང་དགོས་གལ་ཆེ་བ་དང་། རྒྱུད་སྡེ་གཞུང་བཤད་ཕྱོགས་ལ་དོ་སྣང་གནང་མཁན་ཚང་མ་རྒྱུད་སྡེ་ལ་སྦྱང་མཁན་ཁོ་ན་ཡིན་ངེས་པས་ཁྲོམ་དབང་བསྐུར་བ་ལྟ་བུ་དང་མི་འདྲ་བར་གསང་སྒྲོག་གི་ཉེས་པ་འབྱུང་བའི་ཉེན་ཁ་ཆུང་བར་གསུངས་པས་རྒྱུ་མཚན་དེ་དག་ལ་བསམ་ནས་དེ་སྔོན་བཤད་མྱོང་བའི་སྒྲ་བཀོད་ཡོད། གཞུང་འདི་ཉན་མཁན་ལ་བླ་མེད་རྒྱུད་སྡེའི་དབང་ཐོབ་པ་ཞིག་ངེས་པར་དུ་དགོས་པས་ཐུགས་འཇོག་གནང་བར་ཡང་ཞུའོ། །