SMD School Song Written by the Venerable Late Khenchen Thrangu Rinpoche.
Lhiwa_བུ།
0:00 / 0:00
SMD School Song Written by the Venerable Late Khenchen Thrangu Rinpoche.
39 просмотров · 2 дня назад
Lhiwa_བུ།
983 подписчика
39 просмотров · 2 дня назад
༄༅། །བྱམས་བརྩེའི་བཀའ་སློབ།
བཀྲ་ཤིས་གླིང་གི་སློབ་གྲྭར། །
ཕ་མ་བཟང་པོའི་དྲིན་ལས། །
ཆོས་དང་རིག་གཞུང་གཉིས་ལ། །
སྦྱང་བའི་གོ་སྐབས་ཐོབ་བྱུང་། །
འཛམ་གླིང་ནུབ་ཕྱོགས་རིག་གསར། །
བལྟ་བའི་མིག་དང་འདྲ་བ། །
ཧི་མ་ལ་ཡི་རིག་གཞུང་། །
ཁོག་པའི་སྙིང་དང་འདྲ་འདུག །
དེ་གཉིས་མཉམ་དུ་འཛོམས་ན། །
དགའ་སྤྲོའི་བདེ་སྐྱིད་ཐོབ་ཡོང་། །
ང་ཚོ་སློབ་ཕྲུག་ཕོ་མོ། །
སློབ་སྦྱོང་ཡག་པོ་བགྱིས་དང། །
ཤེས་ཡོན་བདེ་སྐྱིད་མི་ཚེ། །
ཐག་རིང་རྒྱང་ལ་མི་འདུག །
ལག་པའི་མཐིལ་ལ་ལེན་ཆོག །
ཆང་དང་ཐ་མག་ནག་པོ། །
ཕ་མར་བརྩེ་གདུང་མེད་པ། །
སྤྱོད་ངན་མི་རིགས་ཞབས་འདྲེན། །
རྒྱང་ཐག་རིང་པོར་གཡུགས་ཤོག །
དྲིན་ཅན་ཕ་མའི་ལམ་སྟོན། །
དགེ་རྒན་བཟང་པོའི་བསླབ་བྱ། །
མ་བརྗེད་སེམས་ལ་བཞག་ན། །
སྐྱིད་པའི་ཉི་མ་ཤར་ཡོང་། །
ཞེས་སློབ་གྲྭ་འདི་ཉིད་གསར་འཛུགས་བྱེད་པོ་ཁྲ་འགུ་སྤྲུལ་མིང་པས་བྲིས་པ་དགེ།