Перейти к содержимому

Zogpachenpoi Katsom | Composed by Ugyen Chagdor Rinpoche | Dorji Youden

TASHI STUDIO BHUTAN

0:00 / 0:00

Zogpachenpoi Katsom | Composed by Ugyen Chagdor Rinpoche | Dorji Youden

37 515 просмотров · 6 мес. назад
TASHI STUDIO BHUTAN
54,5 тыс. подписчиков
37 515 просмотров · 6 мес. назад
ཀ་རྩོམ་རྫོགས་པ་ཆེན་པོའི་བླ་མའི་མགུར་བཞུགས། ན་མོ་གུ་རུ་ཡེ། ཀ་དག་ཁྲེགས་ཆོད་རྫོགས་ཆེན་གྱི་ལྟ་བ། ། ཁ་དོག་མཚན་མ་གྲོལ་བར། ། ག་ལེར་བླ་མའི་བརྩེ་བ་ཡི་རྗེས་བཟུང་། ། ང་ལ་སྐུ་གསུམ་ངོ་སྤྲོད་དེ་སྩོལ་ཤོག ། ཅ་ཅོ་གདུང་བས་ཐུགས་རྗེ་དེ་བསྐུལ་བ། ། ཆ་རྐྱེན་དད་མོས་གསོལ་འདེབས། ། ཇ་ཆང་མཆོད་སྤྲིན་བརྒྱ་མཚོ་དེ་ཕུལ་ལོ། ། ཉ་མར་བརྩེ་བས་བྱིན་རླབས་དེ་སྩོལ་ཤོག ། ཏ་ཐ་ག་ཏའི་བསྟན་པ་ཡི་ཤིང་རྟ། ། ཐ་མལ་འདྲེན་པའི་བླ་མ། ། ད་ལྟ་ཨོ་རྒྱན་པདྨའི་ཡི་རྒྱལ་ཚབ། ། ན་གཞོན་རྣམས་ལ་ལམ་སྟོན་ཞིག་མཛད་ཤོག །   པ་ར་མི་ཏའི་རྒྱལ་ཡུམ་གྱི་དགོངས་པ། ། ཕ་རོལ་ཁྲིད་པའི་དེད་དཔོན། བ་མཆོག་རིན་ཆེན་བུམ་པ་དཔག་བསམ་བཞིན། ། མ་ལུས་འགྲོ་བའི་མུན་པ་དེ་སེལ་ཤོག ། ཙ་རི་འདྲ་བར་དབེན་པ་ཡི་གནས་ལ། ། ཚ་གྲང་རོ་སྙོམས་ནུས་པར། ། ཛཿ ཧཱུྃ་བྃ་ཧོཿ ཆོས་ཉིད་ཀྱི་ཟད་སར། ། ཝ་ལེར་འཇའ་ལུས་འོད་སྐུར་རུ་གྲོལ་ཤོག །   ཞ་བཞིན་གཙུག་ཏུ་རིག་འཛིན་གྱི་ལྷ་ཚོགས། ། ཟ་འཐུང་ཚོགས་ཀྱི་འཁོར་ལོ། ། འ་ཨ་ཧ་ཤ་ས་མ་ཡི་སྔགས་སྒྲ། ། ཡ་མཚན་ལྷ་སྔགས་ཏིང་ངེ་འཛིན་དེ་རྟོགས་ཤོག ། ར་བས་རྡོ་རྗེ་དམ་ཅན་གྱི་བསྐོར་བ། ། ལ་ལུང་བསྟན་པ་སྤེལ་བ། ། ཤ་ཀྱ་ཐུབ་པ་སྟོན་པ་ཡི་བརྒྱུད་འཛིན། ། ས་དང་ལམ་གྱི་ཡོན་ཏན་དེ་རྫོགས་ཤོག ། ཧ་ཅང་བྱིན་རླབས་མྱུར་བ་ཡི་ཐུགས་རྗེ། ། ཨ་ཧོ་དྲིན་ཆེན་བླ་མ། ། གསོལ་འདེབས་དད་མོས་དགོངས་བརྒྱུད་དེ་འཕོས་ཏེ། ། ཕ་མ་འགྲོ་དྲུག་ཐར་གླིང་དུ་འདྲེན་ཤོག །   ཅེས་པའང་རྫོགས་ཆེན་པ་རིག་འཛིན་དཔལ་ལྡན་འབངས་མི་སྨྱོན་གསང་བདག་པས།