Tibetan Driru danceནགས་ཤོད་འབྲི་རུའི་ཞབས་བྲོ།ལགས་སོ་སོ།#kalsangchoephel #tibetandance#tibetangorshey
kalsang choephel
0:00 / 0:00
Tibetan Driru danceནགས་ཤོད་འབྲི་རུའི་ཞབས་བྲོ།ལགས་སོ་སོ།#kalsangchoephel #tibetandance#tibetangorshey
470 244 просмотра · 7 л. назад
kalsang choephel
7,27 тыс. подписчиков
470 244 просмотра · 7 л. назад
#gorshey
༼ལགས་སོ་སོ།༽
ཚིག་གདངས།འབྲི་རུའི་དམངས་ཁྲོད།ལེན་མཁན། སྐྱིད་ནོར་བུ། བསྟན་པ།
རིན་ཆེན་ལྷ་མོ། སྒྲོམ་གཡང།
ལགས་སོ། བྲོ་བཟང་པོ་ཁུ་བྱུག་གསུང་སྙན་འདྲ་ཟེར་ན།
སྨན་ཆུང་བུ་མོ་ཚོ་ལ།
ས་ལ་གར་སོང་ས་ལ་འཁྲབ་ལེ་མིན་ཟེར་ན།
སྨན་ཆུང་བུ་མོ་ཚོ་ལ།
དབང་ཐང་དགའ་ཆོས་འཛོམས་དུས་འཁྲབ་ལེ་ཡིན་ཟེར་ན།
སྨན་ཆུང་བུ་མོ་ཚོ་ལ། ལགས་སོ། བྲོ་བཟང་པོ་ཁུ་བྱུག་གསུང་སྙན་འདྲ་ཟེར་ན།
སྟག་ཤར་གཞོན་པ་ཚོ་ལ། ས་ལ་གར་ས་ལ་འཁྲབ་ལེ་མིན་ཟེར་ན།
སྟག་ཤར་གཞོན་པ་ཚོ་ལ།
གོང་དང་དཔོན་པོ་འཛོམས་དུས་འཁྲབ་ལེ་ཡིན་ཟེར་ན།
སྟག་ཤར་གཞོན་པ་ཚོ་ལ།
ལགས་སོ། བྲོ་གཉིས་པ་ཐང་དཀར་གཤོག་སྒྲོ་འདྲ་ཟེར་ན། སྨན་ཆུང་བུ་མོ་ཚོ་ལ།
ས་ལ་གར་སོང་ས་ལ་འཁྲབ་ལེ་མིན་ཟེར་ན། སྨན་ཆུང་བུ་མོ་ཚོ་ལ།
གོང་དང་དཔོན་པོ་འཛོམས་དུས་འཁྲབ་ལེ་ཡིན་ཟེར་ན།
སྨན་ཆུང་བུ་མོ་ཚོ་ལ།
ལགས་སོ། བྲོ་བཟང་པོ་ཁུ་བྱུག་གསུང་སྙན་འདྲ་ཟེར་ན།
སྟག་ཤར་གཞོན་པ་ཚོ་ལ། ས་ལ་གར་སོང་ས་ལ་འཁྲབ་ལེ་མིན་ཟེར་ན།
སྟག་ཤར་གཞོན་པ་ཚོ་ལ།
དབང་ཐང་དགའ་ཆོས་འཛོམས་དུས་འཁྲབ་ལེ་ཡིན་ཟེར་ན།
སྟག་ཤར་གཞོན་པ་ཚོ་ལ།
ལགས་སོ།
བྲོ་གསུམ་པ་རྨ་བྱའི་སྒྲོ་གུར་འདྲ་ཟེར་ན།
སྨན་ཆུང་བུ་མོ་ཚོ་ལ། ས་ལ་གར་སོང་ས་ལ་འཁྲབ་ལེ་མིན་ཟེར་ན།
སྨན་ཆུང་བུ་མོ་ཚོ་ལ། བྲོ་རྭ་ཕྲ་མོ་འཛོམས་དུས་འཁྲབ་ལེ་རེད་ཟེར་ན།
སྨན་ཆུང་བུ་མོ་ཚོ་ལ།
ལགས་སོ། བྲ་བཟང་པོ་ཁུ་བྱུག་གསུང་སྙན་འདྲ་ཟེར་ན།
སྟག་ཤར་གཞོན་པ་ཚོ་ལ། ས་ལ་གར་སོང་ས་ལ་འཁྲབ་ལེ་མིན་ཟེར་ན།
སྟག་ཤར་གཞོན་པ་ཚོ་ལ།
དབང་ཐང་དགའ་ཆོས་འཛོམས་དུས་འཁྲབ་ལེ་ཡིན་ཟེར་ན།
སྟག་ཤར་གཞོན་པ་ཚོ་ལ།