Перейти к содержимому

རྒྱལ་སྤྱིའི་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་བཞེས་མཁན་ཞིག་ནས་བོད་མིའི་སློབ་གྲྭ་དང་མཉམ་ལས།

Tibet Radio བོད་ཀྱི་རླུང་འཕྲིན།

0:00 / 0:00

རྒྱལ་སྤྱིའི་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་བཞེས་མཁན་ཞིག་ནས་བོད་མིའི་སློབ་གྲྭ་དང་མཉམ་ལས།

436 просмотров · 4 часа назад
Tibet Radio བོད་ཀྱི་རླུང་འཕྲིན།
11,7 тыс. подписчиков
436 просмотров · 4 часа назад
རྒྱལ་སྤྱིའི་དགེ་རྒན་དབྱ་དགའ་བཞེས་མཁན་སྐུ་ཞབས་ རན་ཇི་ཏི་སིངྒ་ ཌི་ས་ལི་ (Ranjitsinh Disale) ལགས་ཀྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་བཅུ་གཅིག་ལ་དེང་རབས་ཀྱི་སློབ་ཁྲིད་འཕྲུལ་རིག་འཆར་ཤེལ་ཉི་ཤུ་མཐུན་སྦྱོར་དང་། དེ་བཞིན་དེ་དག་བཀོལ་སྤྱོད་དང་འབྲེལ་བའི་དགེ་རྒན་རྣམས་ལ་ཟབ་སྦྱོང་གནང་སྟེ། སློབ་ཁྲིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་སློབ་ཕྲུག་གི་ཤེས་ཡོན་ཁོར་ཡུག་ཚད་མཐོར་གཏོང་བའི་ལས་གཞི་ཞིག་སྤེལ་བཞིན་འདུག་ལ། དེ་དང་ཆབས་ཅིག དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༦ ཉིན་སྐུ་ཞབས་ཁོང་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐེངས་དང་པོར་མཇལ་བཅར་གྱི་སྐལ་བཟང་ཐོབ་པ་དེ་ནི་ཁོང་རང་ཉིད་ཀྱི་མི་ཚེའི་ནང་སྐལ་བ་བཟང་ཤོས་ཤིག་དང་བརྗེད་པར་དཀའ་བའི་དྲན་རྟེན་ཞིག་ཏུ་ངོས་འཛིན་གནང་བཞིན་ངོས་འཛིན་གནང་ཡོད་ཅེས་གསུངས་གནང་བྱུང་། །