Перейти к содержимому

ལྷ་བབས་ཀྱི་གནས།

ས་ཁྲ་ནང་གི་བོད། TIBET MAP

0:00 / 0:00

ལྷ་བབས་ཀྱི་གནས།

2 190 просмотров · 5 л. назад
ས་ཁྲ་ནང་གི་བོད། TIBET MAP
8,43 тыс. подписчиков
2 190 просмотров · 5 л. назад
སྔོན་ཚེ་སྟོན་པ་སངས་རྒྱས་ཉིད།། ཡུམ་གྱི་དྲིན་ལན་གསབ་པའི་ཕྱིར།། ལྷ་ཡུལ་སུམ་ཅུ་རྩ་གསུམ་དུ།། གཤེགས་ནས་ཟླ་ཤས་བཞུགས་པ་མཛད།། འོན་ཀྱང་འཛམ་གླིང་མི་ཡུལ་གྱི།། རྒྱལ་པོ་རྒྱལ་ཕྲན་བློན་ཚོགས་དང་།། ཉན་ཐོས་དད་ལྡན་མི་མང་རྣམས།། སངས་རྒྱས་དྲན་པའི་གདུང་བས་མནར།། སྐབས་དེར་རྒྱལ་པོ་གསལ་རྒྱལ་གྱིས།། སྟོན་པ་མི་ཡུལ་གདན་འདྲེན་ཆེད།། རྫུ་འཕྲུལ་མཆོག་གྱུར་མོའུ་དགལ་བུ།། ལྷ་ཡི་ཡུལ་དུ་འཕྲིན་པ་བཏང་།། དེ་ཚེ་སྟོན་མཆོག་མི་ཡི་དབང་།། ཆུང་ནས་གྲོངས་པའི་ཡུམ་ཆེན་ལ།། འཁྲེང་ཡང་འཛམ་གླིང་མི་རྣམས་ལ།། བརྩེ་བའི་དབང་གིས་ལྷ་ལས་བབས།། དེ་ནས་བཟུང་སྟེ་ད་ལྟའི་བར།། དགུ་པའི་ཉེར་གཉིས་ལྷ་བབས་ཉིན།། གང་གི་བཀའ་དྲིན་རྗེས་དྲན་ཆེད།། དུས་ཆེན་སྲུང་བརྩི་ལོ་ལྟར་མཛད།།