Перейти к содержимому

ཚོམ་ལུང་ཕུ་རུ་བཞུགས་པའི།/TibetanCulturalDance/TsomlungPhu

Ajo Dhondup

0:00 / 0:00

ཚོམ་ལུང་ཕུ་རུ་བཞུགས་པའི།/TibetanCulturalDance/TsomlungPhu

8 699 просмотров · 1 год назад
Ajo Dhondup
1,35 тыс. подписчиков
8 699 просмотров · 1 год назад
ལྷན་རྒྱས་ཁམས་བཟང་། དེ་རིང་སླར་ཡང་ལ་སྟོད་ཁུལ་གྱི་དམངས་ཁྲོད་ཞབས་བྲོ་ ༼ཚོམ་ལུང་ཕུ་རུ་བཞུགས་པའི་ ༽ ཞེས་པ་ཞིག་འགོད་འབུལ་ཞུས་ཡོད་པས། དགྱེས་གཟིགས་གནང་བ་དང་ཆབས་ཅིག བརྒྱུད་སྐུར་དང་རྗེས་འབྲངས་གནང་རོགས་ཞུ།། ཚོམ་ལུང་ཕུ། ཚོམ་ལུང་ཕུ་རུ་བཞུགས་པའི། ། ཚོམ་ལུང་ཕུ་རུ་བཞུགས་པའི། ། ཀླུ་མོ་དུང་དཀར་ (ལ་) གཡང་སྐྱིད། ། ཆུ་སྣ་གང་ལ་འདྲེན་ཡང་། ། ཡང་བསྐྱར་གང་ལ་འདྲེན་ཡང་། ། ལོ་ཡི་རྩ་བ་ (ལ་) ཚུགས་སོང་། ། རྩ་བ་འབུ་ཡིས་མ་འཁུར། ། རྩ་བ་འབུ་ཡིས་མ་འཁུར། ། སྐྱེད་པ་ཞོལ་ཉལ་ (ལ་) དིབ་དིབ། ། རྩེ་མོ་སད་ཀྱིས་མ་འཁུར། ། ཡང་བསྐྱར་སད་ཀྱིས་མ་འཁུར། ། འབྲུ་སྣ་དཔུང་ལྡང་ (ལ་) ཤིག་ཤིག ། ཚོམ་ལུང་བར་དུ་བཞུགས་པའི། ། ཚོམ་ལུང་བར་དུ་བཞུགས་པའི། ། བར་ཀྱི་ཡུལ་ས་ (ལ་) དཀར་པོ། ། ཡུལ་ས་སྐོར་རའི་དཀར་པོ། ། ཡང་སྐྱར་སྐོར་རའི་དཀར་པོ། ། དར་གྱིས་ཡོལ་ལེར་ (ལ་) བསྐོན་སོང་། ། དར་གྱིས་ཡོལ་ལེར་བསྐོན་ནས། ། དར་གྱིས་ཡོལ་ལེར་བསྐོན་ནས། ། མི་ནད་ཕྱུགས་ནད་ (ལ་) ཆད་སོང་། ། མི་ནད་ཕྱུགས་ནད་ཆད་ནས། ། ཡང་སྐྱར་ཕྱུགས་ནད་ཆད་སོང་། ། སྐལ་བཟང་དགའ་སྟོན་ (ལ་) བྱས་ཡོད། །