Перейти к содержимому

( 10th Day, Tsechu )The 37th Ngagyur Nyingma Monlam Chenmo.

Ngodup Lama Official

0:00 / 0:00

( 10th Day, Tsechu )The 37th Ngagyur Nyingma Monlam Chenmo.

418 просмотров · 7 месяцев назад
Ngodup Lama Official
7,87 тыс. подписчиков
418 просмотров · 7 месяцев назад
སྨོན་ལམ་ཉིན་བཅུ་པ་མཐའ་མ་ཚེས་བཅུའི་ཐད་གཏོང་། ༄༅། །དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་༣༧ པ། བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་དུ་བོད་རྒྱལ་ལོ་ ༢༡༥༢ བོད་ཟླ་༡༢ པའི་ཚེས་༡ ཉིན་དབུ་ཚུགས་གནང་ཡོད། འདིར་དངོས་སུ་ཚོགས་བཅར་གནང་བའི་ཕྱོགས་བཞིའི་༸སྐྱབས་རྗེ་རིན་པོ་ཆེ་རྣམ་པས་མདུན་དྲངས་ཏེ། ཕྱོགས་བཞིར་སོ་སོའི་བཞུགས་གྲལ་ལ་རིམ་གྱིས་འཁོད་པ་དང་། རྒྱུན་ལྡན་ལྟར་སྔ་དྲོའི་ཆ་ལ་ཟབ་ཏིག་སྒྲོལ་མའི་ཆོ་ག དེའི་མཚམས་སུ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འཇམ་དཔལ་མཚན་བརྗོད་དང་སྨོན་ལམ་ཐམས་ཅད་ཀྱི་རྒྱལ་པོ་བཟང་པོ་སྤྱོད་པའི་སྨོན་ལམ་གཉིས་རྩལ་འདོན་གནང་ཞིང་མཐར་བསྟན་རྒྱས་སྨོན་ལམ་སོགས་ཀྱི་མཐའ་རྒྱན་ནས་གསུང་བཞིན་པ། ཞོགས་པ་ཆུ་ཚོད་ ༧ ནས་ ༡༡ བར། ཉིན་རྒྱབ་ཆུ་ཚོད་ ༡ ནས་ ༥ བར་ཐད་གཏོང་གཟིགས་འབུལ། ( 10th Day, Tsechu ) The 37th Ngagyur Nyingma Monlam Chenmo will commence from Tibetan lunar 12th month of 2152 Tibetan year in the presence of Kyabje Rinpoche and many masters paying homage to Tara along side with praying recitation of Mañjuśri Nama samgiti and Samantabhadra's aspiration dedicated to every sentient beings in every realms. Morning session 7 am to 11 am Afternoon session 1 pm to 5 pm