Перейти к содержимому

Tang Gi Nyeshay | སྟང་གི་གནས་བཤད། | Tang Central School‪@jwfproductions‬ | 4K

Tang Central School Official-Bumthang и JWF Productions

0:00 / 0:00

Tang Gi Nyeshay | སྟང་གི་གནས་བཤད། | Tang Central School‪@jwfproductions‬ | 4K

5 001 просмотр · 11 мес. назад
Tang Central School Official-Bumthang и JWF Productions
5 001 просмотр · 11 мес. назад
སྟང་གི་གནས་བཤད། Tang gi Nyeshay Performed by Teachers and Students of Tang Central School BUMTHANG Special Mention | Ugyenchholing Palace Bumthang Music Video by | @jwfproductions Assist D.O.P | Sonam Tobden Wangchuk Choreographer | Tenzin Dorji, Teacher, Tang CS Production Team | Tenzin Dorji Tr, Tang CS | Mr. Sonam Wangdi Tr, Tang CS | Rinchen Ngedup Tr, Tang CS | Karma Tenzin Tr, Tang CS | Sonam Wangchuk Tr, Tang CS Lyrics | Lop Thinley Norbu, Wangdichholing LSS Singer: Mrs. Pema Lhamo Lyrics👇 ༉ དགའ་བ་ལྷ་ཡུལ་སྟང་གི་གཡུས། ། གནས་མཆོག་ཁྱད་པར་ཅན་གྱི་གཡུས། ། བྱང་མཐོ་བའི་བྲག་དཀར་མེ་ལོང་བཟུམ། ། མར་མཁའ་འགྲོའི་སྤྲུལ་པ་བྱ་རྒོད་ལྡིང་།། སྟང་རི་མོ་ཅན་གྱི་གདན་ས་ལུ།། བླམ་ཨྱོན་གུ་རུ་བཞུགས་པ་དགའ། ། ཕྱག་ཅིག་འཚལ་ན། ། མཆོདཔ་ཅིག་ཕུལ་ན། ། བླ་མ་ཁྱོད་ལུ་ཕུལ། ། ལས་ངན་སྡིག་སྒྲིབ་དག་པར་ཤོག ། ༢ ཀུན་བཟང་བྲག་གི་ཞིང་མཆོག་ནང་། ། གཏེར་བཏོན་པདྨ་གླིང་པ་བཞུགས། ། སྟང་མེ་འབར་མཚོ་ནང་རྫུ་འཕྲུལ་བཏོན། ། འབངས་མི་རྣམས་དད་པའི་ས་ལུ་བཀོད། ། ཕ་ཨྱོན་བླ་མའི་སྨོན་ལམ་གྲུབ། ། གཡུས་སྐྱིད་པའི་ལྗོངས་ལུ་གྱུར་ནུག་གོ། ། སྐུ་དྲིན་བསམ་ན་དད་པ་བསྐྱེད་ན། ། གཏེར་བཏོན་ཁྱོད་རང་མཁྱེན། ། ཐུགས་རྗེ་བྱིན་གྱིས་བརླབ་པར་ཤོག། ༢ ཤེས་རབ་སྒྲ་དབྱངས་ལྷ་མོ་གིས། ། བྱིན་གྱིས་བརླབ་པའི་སློབ་གྲྭ་ནང་། ། ཐུགས་རིག་པ་མཁས་པའི་སློབ་དཔོན་དང་། ། ཁོང་བློ་གྲོས་ཅན་གྱི་སློབ་ཕྲུག་ཚུ། ། སྟང་སློབ་གྲྭ་ལྟེ་བའི་ལྷ་ཡུལ་ནང་། ། ཀུན་ཚང་གི་ཤེས་རིག་བརྩོན་ཏེ་ཡོད། ། དྲིན་ཅིག་བསམ་ན། ། དགའ་ཚོར་ཞུ་ན། ། སློབ་དཔོན་ཁྱོད་ལུ་ཞུ། ། བློ་གྲོས་སྣང་བ་རྒྱས་པར་ཤོག ། ༢ འབྲུག་ཡུལ་སྐྱིད་པའི་རྒྱལ་ཁབ་ནང་། ། མི་དབང་འབྲུག་རྒྱལ་བཞི་པ་མཆོག ། ཞལ་དཀར་གསལ་ཟླ་བའི་དཀྱིལ་འཁོར་བཟུམ། ། ཐུགས་ཤེས་བྱ་ཀུན་ཁྱབ་ཁྲི་གདུགས་འདྲ། ། འབངས་མི་སེར་སྐྱིད་སྡུག་སྐྱོང་སྟེ་གིས། ། ལོ་དྲུག་ཅུ་བཞེས་པའི་བཀའ་དྲིན་ལུ། ། སྨོན་ལམ་བཏབ་ན། ། གསོལ་བ་བཏབ་ན། ། མི་དབང་མཆོག་ལུ་བཏབ། ། སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག ། ༢ ALL RIGHTS RESERVED 2025