Перейти к содержимому

མི་ཉག་བུ་མོ་རིན་ཆེན་ལྷ་མོའི་དབྱིན་ཡིག་དེབ་༼ང་ཚོ་བོད་པ་༽ལོ་བརྒྱའི་རྗེས་སུ་ཕ་སྐད་མ་ཡིག་གི་པང་དུ་ལོག་པ།

ལྕགས་མོའི་སྨྱན་སྦྱོར། Chakmo Studio

0:00 / 0:00

མི་ཉག་བུ་མོ་རིན་ཆེན་ལྷ་མོའི་དབྱིན་ཡིག་དེབ་༼ང་ཚོ་བོད་པ་༽ལོ་བརྒྱའི་རྗེས་སུ་ཕ་སྐད་མ་ཡིག་གི་པང་དུ་ལོག་པ།

845 просмотров · 5 дн. назад
ལྕགས་མོའི་སྨྱན་སྦྱོར། Chakmo Studio
381 подписчик
845 просмотров · 5 дн. назад
2026-10-30 བོད་ཀྱི་གསར་འགྱུར། བོད་ནང་གི་གསར་འགྱུར། ༡ ཉེ་ཆར་གྱི་བོད་ནག་ཆུ་སྦྲ་ཆེན་རྫོང་ནང་ས་འགུལ་གོད་ཆག་ཁྲོད་མི་གྲངས་སུམ་ཅུ་ལྷག་རྐྱེན་འདས་ཕྱིན་པ་བརྗོད་ཀྱི་འདུག ༢ བོད་ཀྱི་ཚོང་བ་ཆེན་མོ་ད་ལྟ་རྒྱ་ནག་གི་བཙོན་དུ་ཚེ་བཙོན་གྱི་ཁྲིམས་ཆད་འཁུར་བཞིན་པའི་རྡོ་རྗེ་བཀྲ་ཤིས་ཀྱི་ཨ་ཅེ་མགོན་པོ་སྐྱིད་ལགས་ཀྱིས་ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ཆེས་མཐོའི་ཁྲིམས་ཁང་མདུན་དུ་རྡོ་རྗེ་བཀྲ་ཤིས་ཀྱི་གྱོད་དོན་ཐད་བསྐྱར་ཞིབ་དགོས་པའི་རེ་འདུན་ཞུ་སྐུལ་ཡང་བསྐྱར་བྱས་འདུག བཙན་བྱོལ་བོད་ཀྱི་གསར་འགྱུར། ༡ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཨ་རིའི་དམག་འཁྲུག་ལ་འགོག་རྒོལ་གྱི་ཐེབས་རྩ་ཚོགས་པ་ཞིག་གིས་ཕྱི་ལོ་༢༠༢༦ལོའི་མེ་ཌོ་ཕོ་ལི་ཊན་ཁི་རོས་སོ་སི་ཌོ་མོ་སི(Metropolitan Chrysostomos Award)ཞེས་པའི་གཟེངས་རྟགས་ཕུལ་འདུག ༢ བཞུགས་སྒར་ནས་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་ལ་ངོ་རྒོལ་གྱི་གོམ་བགྲོད་ལས་འགུལ་ཞིག་སྤེལ་བའི་ཐོག་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གནང་འདུག ༣ འབྲུག་ཡུལ་དུ་བྱང་ཆུབ་མཆོད་རྟེན་༡༠༨དབུ་འབྱེད་མཛད་སྒོར་མགྲོན་འབོད་གདན་ཞུ་ལྟར་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དེ་རིང་ཡུལ་དེར་ཞབས་སོར་འཁོད་འདུག ༤ ད་ལྟ་ཁེ་ན་ཌའི་མི་སེར་ཡིན་པའི་བོད་ཀྱི་སློབ་གསོ་སྤྱི་ཚོགས་རིག་བ་པ་འབུམ་རམས་པ་རྒྱལ་ལོ་ལགས་སུ་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་ཐབས་བྱེད་ཀྱིན་ཡོད་འདུག རྒྱལ་སྤྱིའི་གསར་འགྱུར། ༡ རྒྱལ་སྤྱིའི་སྲིད་དོན་བཙོན་པའི་ཉིན་མོར་ཨ་རིས་གྲོས་ཚོགས་ཀྱི་རྒྱ་ནག་གནད་དོན་ཐད་ཀྱི་དམིགས་བཙུགས་ཚོགས་ཆུང་གི་ཚོགས་གཙོས་རྒྱ་ནག་གིས་ཡུལ་དེའི་བཙོན་པ་ཡོངས་རྫོགས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་འདུག ༢ རྒྱ་ནག་དམར་ཕྱོགས་ཀྱི་སྐབས་ཉི་ཤུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་མཇུག་སྒྲིལ་བ་དང་ཀྲང་ཧྲིན་མེན་དབུས་ཆབ་སྲིད་ཚོགས་མིར་བསྐོ་བཞག་བྱས་པ་དེར་ཚང་མས་དོ་སྣང་བྱེད་བཞིན་འདུག རྩོམ་རིག དེ་རིང་གི་རྩོམ་རིག་ལེ་ཚན་ནང་དུ་ཉེ་ཆར་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་འགྲེམ་སྤེལ་བའི་གནང་བའི་༼ང་ཚོ་བོད་པ་༽ཞེས་པའི་དཔེ་དེབ་དེའི་བོད་འགྱུར་ལོ་ཙཱ་བ་ཕོགས་རུ་ཕུན་ཚོགས་ལྷུན་འགྲུབ་ལགས་དང་མཉམ་དུ་ཁོང་གིས་བོད་མོ་རིན་ཆེན་ལྷ་མོ་ལགས་ཀྱི་དེབ་འདིའི་ནང་དོན་དང་བོད་ཡིག་ནང་བསྒྱུར་བའི་ཀུན་སློང་སོགས་ཀྱི་ཐད་གླེང་མོལ་བྱས་ཡོད།