སྐལ་བཟང་མཐར་ཕྱིན་ལགས་ཀུ་ལུའི་གཞིས་ཆགས་ནས་མུ་མཐུད་དེ་གོམ་བགྲོད་གནང་བཞིན་ཕེབས་སོང་། TIBETAN VLOGGER
biker rinchen
0:00 / 0:00
སྐལ་བཟང་མཐར་ཕྱིན་ལགས་ཀུ་ལུའི་གཞིས་ཆགས་ནས་མུ་མཐུད་དེ་གོམ་བགྲོད་གནང་བཞིན་ཕེབས་སོང་། TIBETAN VLOGGER
543 просмотра · 9 ч назад
biker rinchen
7,18 тыс. подписчиков
543 просмотра · 9 ч назад
དེ་རིང་ཕྱི་ཟླ་༡༠ ཚེས་༣༠ རེས་གཟའ་པ་སངས་ཀྱི་ཞོགས་པར། ལ་དྭགས་ནས་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ལོག་གི་ལམ་བར་དུ་ཡོད་པའི་སྐལ་བཟང་མཐར་ཕྱིན་ལགས་ཀྱིས། ཀུ་ལུ་གཞིས་ཆགས་ནས་རང་གི་ཞི་བའི་གོམ་བགྲོད་མུ་མཐུད་དེ་རྡ་རམ་ས་ལར་ཕེབས་རྒྱུའི་གོམ་བགྲོད་ལ་ཕྱིར་ཕེབས་གནང་སོང་།
ལས་འགུལ་འདིའི་དགོས་དམིགས་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་༼མི་རིགས་མཐུན་སྒྲིལ་ཡར་ཐོན་བསྐུལ་སྤེལ་གྱི་ཁྲིམས་ཡིག་༽ལ་ངོ་རྒོལ་ཞུ་རྒྱུ་དང་། དེ་བཞིན་ཉེ་ཆར་བློ་དགའ་རང་བཙན་ལགས་ཀྱིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེ་སྲེག་གནང་བར་རྗེས་དྲན་ཞུ་རྒྱུ་སོགས་ཡིན།
ཁོང་གིས་ཞི་བའི་ཐབས་ལམ་བརྒྱུད་ནས་བོད་ཀྱི་རྩ་དོན་དང་བོད་ནང་གི་གནས་སྟངས་སྐོར་དྲན་གསོ་དང་དོ་སྣང་ཡོང་ཐབས་ཀྱི་ཆེད་དུ་ལ་དྭགས་ནས་འགོ་བཙུགས་པའི་ཞི་བའི་གོམ་བགྲོད་དེ་ཀུ་ལུ་ནས་མུ་མཐུད་གནང་བཞིན་ཡོད།
Peace March from Ladakh to Dharamshala Continues from Kullu
On the morning of Friday, October 30, 2026, Mr. Kalzang Tharchin, who is on his return journey from Ladakh to Dharamshala, resumed his peaceful march from Kullu Tibetan Settlement, continuing his journey towards Dharamshala.
The main objectives of this march are to oppose the Chinese government’s implementation of the so-called Ethnic Unity and Progress Promotion Law in Tibet, and to commemorate the recent self-immolation of Mr. Lhoga Rangtsen, who sacrificed his life for the cause of Tibet.
Through this peaceful initiative, he aims to raise awareness about the Tibetan cause and the situation inside Tibet. Having commenced his peace march in Ladakh, he is now continuing his journey from Kullu towards Dharamshala.