Перейти к содержимому

ལམ་སང་བཤེས་གཉེན་བསྟེན་ཚུལ་ནས་བཤད་ན་ཏག་ཏག་འགྲོ་གི་མ་རེད་གསུངས།

Himalayan Smart Shopping

0:00 / 0:00

ལམ་སང་བཤེས་གཉེན་བསྟེན་ཚུལ་ནས་བཤད་ན་ཏག་ཏག་འགྲོ་གི་མ་རེད་གསུངས།

628 просмотров · 1 дн. назад
Himalayan Smart Shopping
59 подписчиков
628 просмотров · 1 дн. назад
སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་བྱེད་པའི་ཁྲིད་སྟངས་ནི། བཅོམ་ལྡན་འདས་ཀྱི་མདོ་ཡི་དགོངས་པ་རྗེ་བཙུན་བྱམས་པ་མགོན་པོའི་ཤེར་ཕྱིན་གྱི་མན་ངག་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང་། །སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་མདོ་ཡི་དགོངས་པ་སྡོམ་བསྐྱོན་ནས་གསུངས་པ་འདི། གདམས་ངག་ངོ་མ་འདི་རེད། སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་སྟངས་ངོ་མ་དེ་འདི་རེད། ཅེས་གསུངས། ཕྱི་ལོ་༢༠༡༧ ཟླ་བ་༡༢ ཚེས་ ༡༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དགའ་ལྡན་ཚོགས་ཆེན་དུ་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་བཀའ་ཆོས་ལས་ཟུར་འདོན་ཞུས།