ཉིན་གཅིག་ལ་བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་མཛད། | #Bhutan Builds 108 #StupasOfEnlightenment, #GMC |
Narrate~Our Stories
0:00 / 0:00
ཉིན་གཅིག་ལ་བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་མཛད། | #Bhutan Builds 108 #StupasOfEnlightenment, #GMC |
1 533 просмотра · 15 ч назад
Narrate~Our Stories
9,02 тыс. подписчиков
1 533 просмотра · 15 ч назад
༢༠༢༦།༡༡།༠༡ རེས་གཟའ་ཉི་མ།
དེ་རིང་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཏེ་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་ (ལྷ་བབ་དུས་ཆེན།) གྱི་དུས་ཚིག་ཁྱད་འཕགས་ཅན་གྱི་ཉིན། འབྲུག་དགེ་ལེགས་ཕུག་ས་གནས་སུ་གསར་རྒྱག་གནང་བཞིན་པའི་འབྲུག་ཡུལ་གྱི་ཚོང་འབྲེལ་གྲོང་ཁྱེར་ (དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས།) ཞེས་པ་དེར་འབྲུག་རྒྱལ་པོའི་ཐུགས་དགོངས་ལྟར་མང་ཚོགས་སྟོང་ཕྲག་མང་པོས་དང་བླངས་མཉམ་ཞུགས་ཐོག་དེ་རིང་ཉིན་མ་གཅིག་ནང་བྱང་ཆུབ་མཆོད་རྟེན་མཐོ་ཚད་ལ་མི་ཊར་ ༡༥ ཅན་ ༡༠༨ ཅིག་ཅར་དུ་བཞེངས་སྐྲུན་གནང་ཡོད།
བཞེངས་གནས། འབྲུག་ཡུལ་ལྷོ་ཕྱོགས་ཀྱི་དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ནང་རྒྱུག་བཞིན་པའི་མ་ཨུ་ཆུ་ (Mau Chhu) གཙང་པོའི་རྒྱུད་ཀྱི་ས་ཐིག་སྤྱི་ལེ་ ༡༢ ཐོག་བཞེངས་ཡོད།
རྒྱ་ཁྱོན་དང་བཀོད་པ། མཆོད་རྟེན་རེ་རེར་མཐོ་ཚད་མི་ཊར་ ༡༥ ཡོད་པ་དང་། མཆོད་རྟེན་གཅིག་ནས་གཅིག་གི་བར་ལ་རྒྱང་ཐག་མི་ཊར་ ༡༠༨ རེས་བཅད་དེ་གྲལ་གཅིག་ཏུ་བཞེངས་ཡོད།
སྐུ་བཞེསངས་གནང་མཁན། མཁས་ལས་དང་བླངས་པ་དང་ས་གནས་མི་མང་ ༤༠,༠༠༠ ལྷག་ནས་དངོས་སུ་སྐུ་བཞེངས་གནང་པ་དང་ལྷན་དུ། རྒྱལ་སྤྱིའི་ས་གནས་གང་ས་ནས་ཕེབས་པའི་ནང་པའི་དབུ་ཁྲིད་ ༡༠༠ ལྷག་དང་། ཕྱི་ནང་གི་སྐུ་མགྲོན་དང་མི་མང་འབུམ་གཉིས་ལྷག་ནས་ས་གནས་དེར་ལྷན་འཛོགས་ཀྱིས་སྨོན་ལམ་གསུང་འདོན་གནང་ཡོད།
ནང་རྟེན་གཟུངས་གཞུག་དང་རབ་གནས། མཆོད་རྟེན་ནང་དུ་རྒྱ་གར་དང་། ཐཱ་ལེན། མ་ལེ་ཤི་ཡ་སོགས་རྒྱལ་ཁབ་ཁག་ནས་གདན་དྲངས་པའི་སངས་རྒྱས་ཀྱི་རིང་བསྲེལ་བྱིན་ཅན་བཞུགས་སུ་གསོལ་ཡོད། རབ་གནས་ཀྱི་ཆོ་ག་འབྲུག་རྒྱལ་ཁབ་ཀྱི་ཆོས་ཀྱི་དབུ་ཁྲིད་རྗེ་མཁན་པོ་ཁྲི་རབས་ ༧༠ པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་དབུ་ཁྲིད་མཛད་ཡོད།
གལ་ཆེའི་རང་བཞིན། ལས་གཞི་འདི་ནི་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ཐུགས་དགོངས་ལས་འཁྲུངས་པའི་དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་འཛུགས་བསྐྲུན་གྱི་ལས་གཞི་སྣ་མང་ཡོད་པའི་ཁྲོད་ནས་ཐོག་མའི་གྲས་ཞིག་ཡིན་པ་དང་། མཆོད་རྟེན་ ༡༠༨ ཀྱི་ལས་གཞི་འདི་བཞིན་འདི་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༢ པའི་ནང་གསལ་བསྒྲགས་གནང་པ་ཞིག་རེད། ལྷག་པར་དུ་ལས་འཆར་ ༡༠༨ འདིས་དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་ཆོས་ཕྱོགས་ཀྱི་རྨང་གཞི་མཚོན་པ་མ་ཟད། དེ་རིང་བྱང་ཆུབ་མཆོད་རྟེན་ ༡༠༨ ཅིག་ཅར་དུ་བཞེངས་སྐྲུན་གནང་ཚེས་འདི་ཡང་ལྷ་བབས་དུས་ཆེན་དང་། འབྲུལ་རྒྱལ་ལྔ་པ་མཆོག་གི་ཁྲི་གསོལ་དུས་ཆེན་ཐེངས་ ༡༨ པ་བཅས་ཀྱི་དུས་ཚིག་ཁྱད་འཕགས་ཅན་ཞིག་ཀྱང་ཆགས་ཡོད།
November 1, 2026 (Sunday)
Today, on the auspicious occasion of Lhabab Duchen (the festival marking the Buddha's descent from the heavenly realm) on the 22nd day of the 9th Tibetan lunar month, thousands of volunteers gathered under the noble vision of the King of Bhutan. In a single day, they constructed 108 Enlightenment Stupas (Jangchub Chorten), each standing 15 meters high, in Bhutan's newly developing commercial hub, the Gelephu Mindfulness City.
KEY DETAILS:
Location: Built along a 12-kilometer stretch along the banks of the Mau Chhu River within the Gelephu Mindfulness City in southern Bhutan.
Dimensions and Layout: Each stupa stands 15 meters tall, spaced 108 meters apart, and arranged in a single continuous line.
Builders and Participants: Over 40,000 skilled workers, volunteers, and local residents physically participated in the construction. Simultaneously, more than 100 Buddhist leaders from around the world, along with over 200,000 local and international guests and public members, gathered at the site to offer prayers.
Sacred Relics and Consecration: Sacred relics of the Buddha, brought from countries such as India, Thailand, and Malaysia, were enshrined within the stupas. The consecration ritual (Rabney) was led by His Holiness the 70th Je Khenpo, Tulku Jigme Choeda, the spiritual head of Bhutan.
Significance: This project is one of the initial initiatives born from the vision of His Majesty King Jigme Khesar Namgyel Wangchuck for the development of Gelephu Mindfulness City, originally announced in February 2026. Furthermore, these 108 stupas not only represent the spiritual foundation of Gelephu Mindfulness City, but the simultaneous construction today also coincides auspiciously with both Lhabab Duchen and the 18th anniversary of the 5th King's coronation.